ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨིཇ་རའེལ་དང་པེ་ལི་སེ་ཐན་གྱི་འགོ་ཁྲིད་རྣམས་ཞི་བའི་གྲོས་མོལ་བྱ་རྒྱུའི་ཆེད་དུ་མགྲོན་འབོད།


པེ་ལི་སེ་ཐན་དང་ཨིཇ་རའེལ་ཕན་ཚུན་གྲོས་མོལ་བྱེད་སྒོ་ཁག་ལ་ འགོག་རྐྱེན་འཕྲད་དེ་ཡོད་པའི་སྐབས་འདིར། ཡེ་ཤུའི་བླ་ཆེན་པོབ་ཕྷི་རན་ སིསེ་མཆོག་གིས་རེས་གཟའ་ཉི་མའི་ཉིན་འབྲེལ་ཡོད་སྲིད་གཞུང་གཉིས་ཀྱི་སྲིད་ འཛིན་རྣམ་གཉིས་ཨི་ཊ་ལི་ཡི་རྒྱལ་ས་རཽམ་ལ་ཞི་བའི་གྲོས་མོལ་གནང་རྒྱུ་དང་ བླ་ཆེན་མཆོག་དང་ལྷན་དུ་ཞི་བདེའི་ཆེད་དུ་སྨོན་ལམ་གསོལ་འདེབས་གནང་ རྒྱུའི་དོན་དུ་གདན་ས་ཝ་ཊི་ཁན་ལ་མགྲོན་འབོད་གནང་སྟེ། ཡེ་ཤུའི་བླ་ཆེན་ རང་གི་ངོས་ནས་ཞི་བའི་ཐབས་བྱུས་ཤིག་ཕྱིར་བསྒྲགས་གནང་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འཕྲིན་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
XS
SM
MD
LG