ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ལས་འགུལ་པ་ཚོ་བཀག་ཉར།


ཕྱི་ཟླ་དང་པོའི་ཚེས་༧་འདི་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཀྲུག་གྲོང་ཁྱེར་དུ་དཔར་འགྲེམ་བྱེད་བཞིན་པའི་གཟའ་འཁོར་གསར་ཤོག་སྟེ། ལྷོ་ཕྱོགས་བདུན་རེའི་ཚགས་པར་གྱི་གསར་འགོད་པ་ཚོས་གཞུང་གི་ཞིབ་བཤེར་སྲིད་ཇུས་ལ་ངོ་རྒོལ་བྱས་ནས་ལོ་གཅིག་འཁོར་པའི་དུས་དྲན་ཡིན་ཞིང་། རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་དང་གསར་འགོད་པ་ཚོས་སླར་ཡང་དུས་དྲན་དེ་སྲུང་བརྩི་བྱ་་རྒྱུའི་གྲ་སྒྲིག་བྱས་ཀྱང་། རྒྱ་གཞུང་གི་ཉེན་རྟོག་པ་ཚོས་གཏམ་བརྗོད་རང་དབང་གི་ཐོབ་ཐང་རྩོད་པའི་གསར་འགོད་པ་དང་དམངས་གཙོ་དོན་གཉེར་པ། རྒྱ་ནག་གི་ངོ་རྒོལ་ལས་འགུལ་པ་ཚོ་ཉིན་ཤས་གོང་ནས་བཀག་ཉར་བྱས་པ་དང་རང་ཁྱིམ་ལ་བཟང་བཙོན་དུ་བཅུག་པ། ཁོ་ཚོར་ཉེན་རྟོག་པས་ཟུར་དུ་ཐུག་འཕྲད་བྱས་ནས་སྡིགས་ར་བསྐུལ་ཏེ། ལྷོ་ཕྱོགས་བདུན་རེའི་ཚགས་པར་གྱི་གསར་འགོད་པ་ཚོས་གཞུང་གི་ཞི་བཤེར་སྲིད་ཇུས་ལ་ངོ་རྒོལ་བྱས་ནས་ལོ་གཅིག་འཁོར་པའི་དུས་དྲན་དེ་ཉིད་སྲུང་བརྩི་བྱས་ཐུབ་མེད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG