ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཞི་བའི་རྒྱ་མཚོའི་རྒྱ་རྒྱུད་ཡུལ་ཁག་ཚོས་མཉམ་སྦྲེལ་བྱེད་ཕྱོགས་ཀྱི་ཐད་གྲོས་མོལ་བྱས་ཡོད་པ།


ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོའི་རྒྱ་རྒྱུད་དུ་ཛ་དྲག་གི་གནས་ཚུལ་བྱུང་སྐབས། ཕན་ཚུན་མཉམ་སྦྲེལ་བྱེད་ཕྱོགས་ཀྱི་ཐད་རྒྱལ་ཁབ་བཅུ་གཅིག་གི་དམག་དཔོན་ཚོས་ཕི་ལི་པིནསེ་ཡི་རྒྱལ་ས་མ་ནི་ལའི་ནང་ལྷན་འཛོམས་ཀྱིས་རྒྱལ་ཁབ་དེ་ཚོའི་དམག་མི་ཚོ་ཛ་དྲག་སྐྱོབ་གསོའི་ལས་འགུལ་བྱེད་ཕྱོཌ་དང་འབྲེལ་བའི་སྦྱོང་བརྡར་ཞིག་འགོ་འཛུགས་བྱས་འདུག སྦྱོང་བརྡར་དེའི་ནང་མཉམ་ཞུགས་བྱེད་མཁན་གྱི་གྲས་སུ་ལྷོ་ཕྱོགས་དང་ཤར་ཕྱོགས་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་བདག་ཐོབ་ཀྱི་ཐད་ཕན་ཚུན་འཐབ་རྩོད་བྱེད་མཁན་ཨེ་ཤི་ཡའི་ཡུལ་གྲུ་མང་པོ་ཞིག་ཡོད་པ་སོགས་སྐོར་གསར་འགོད་པས་རྒྱལ་ས་མ་ནི་ལ་ནས་བཏང་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་ཕབ་བསྒྱུར་གྱིས་སྙན་སྒྲོན་ཞུས་གནང་གི་རེད།།
XS
SM
MD
LG