ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིའི་ས་མཚམས་སྲུང་སྐྱོབ།


ཨ་རིའི་མངའ་སྡེ་ཀྲེག་ས་སིའི་སྤྱི་ཁྱབ་པ་རིཀ་ཕེ་རི་ཡིས་དེང་སྐབས་ཨ་རིའི་ལྷོ་ཕྱོགས་ཀྱི་མེཀ་སི་ཀོའི་ས་མཚམས་ཁག་ནས་ལྷོ་ཨ་མི་རི་ཀའི་ཡུལ་གྲུ་ཁག་གི་ཕྱི་མི་གཞིས་ཆགས་པ་སྟོང་ཕྲག་མང་པོ་ཨ་མི་རི་ཀའི་ས་ཐོག་ཏུ་སིམ་འཛུལ་བྱེད་ཀྱི་ཡོད་ཅིང་། ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་དེ་དག་འགོག་ཐབས་སུ་ཀྲེག་ས་སི་མངའ་སྡེ་ནས་རྒྱལ་ཡོངས་སྲུང་སྐྱོབ་པ་༡༠༠༠་ཙམ་ཞིག་ས་མཚམས་ཁག་ལ་གཏོང་གནང་གི་ཡིན་ཞེས་གསུངས་ཡོད་པའི་སྐོར། འདི་གའི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG