ངོ་འཕྲད་བདེ་བའི་དྲ་འབྲེལ།

རེས་གཟའ་ཕུར་བུའི་ཉིན་ཐའི་ལནཌའི་དྲག་པོའི་དཔུང་དམག་གིས། མི་གསོད་ཁྲག་སྦྱོར་མེད་པའི་སྒོ་ནས་རང་གི་སྲིད་གཞུང་མགོ་རྡིང་སློག་པའི་རྗེས། ཨ་མེ་རི་ཀའི་དམག་དོན་ལྷན་ཁང་གིས་ཐའི་ལནཌའི་གཞུང་འབྲེལ་མི་སྣ་རྣམས་ལ། ཡུལ་དེའི་ནང་གི་དམངས་གཙོའི་ལམ་ལུགས་སླར་གསོ་བྱེད་དགོས་པའི་ འབོད་བསྐུལ་གནང་བ་དང་འབྲེལ། ཐའི་ལནཌའི་དྲག་དམག་དང་མཉམ་དུ་ ཨ་མེ་རི་ཀས་དྲག་པོའི་སྦྱོང་བརྡར་བྱ་རྒྱུ་ཕྱིར་འཐེན་བྱས་པ་ཡིན་ལུགས་རེས་ གཟའ་སྤེན་པའི་ཉིན་གསལ་བསྒྲགས་སྤེལ་ཡོད་པའི་སྐོར་བྱང་ཆུབ་སྒྲོལ་མས་རྒྱལ་སྤྱིའི་གསར་གནས་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུས་པ་ཞིག་གསན་གནང་གི་རེད།
XS
SM
MD
LG