ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་ལོ་མང་རིང་བོད་དང་བོད་མིར་གང་ཅིའི་ཐད་སྐྱོར་གྱི་ལས་དོན་གནང་མཁན། ཁེ་ན་ཌའི་ཕྱི་མི་གཞིས་ཆགས་ཀྱི་བློན་ཆེན་jason Kenney མཆོག་ལ་བཀའ་དྲིན་རྗེས་དྲན་དང་ངོས་འཛིན་གྱི་གཟེངས་རྟགས་ཤིག་ཕུལ་ཡོད་པ་དང་། ཡང་སྐུ་ཞབས་jason Kenneyམཆོག་གིས་རང་ཉིད་ལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་གཟེངས་རྟགས་ཕུལ་བའི་ཐད་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་བཅས་ཀྱི་པ་ཐད་ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་ཡོད་པའི་གནས་ཚུལ་ཞིག་ལ་གསན་རོགས་གནང་།
XS
SM
MD
LG