ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕ་ཕུ་འ་ཎིའུ་གྷི་ཎིའི་ཆབ་སྲིད།

  • ༢༠༡༡ རེས་གཟའ་པ་སངས།

ཕ་ཕུ་འ་ཎིའུ་གྷི་ཎིའི་སྲིད་བློན་སོ་མ་རི་གཟུགས་པོ་བདེ་ཐང་མེད་པར་བརྟེན། ཁོང་སྲིད་བློན་གྱི་ལས་གནས་ནས་ཕྱིར་འཐེན་བྱས་ཀྱང་། ད་ལྟ་ཁོང་སླར་ཡང་གྲོས་ཚོགས་ཀྱིས་ཞི་བདེ་རྒྱལ་མཚོའི་ལྷོ་ཕྱོགས་སུ་ཆགས་ཡོད་པའི་རྒྱལ་ཁབ་དེའི་སྲིད་བློན་ཡིན་ཞེས་ནན་བརྗོད་བྱས་འདུག་ཅིང་། ཟླ་བ་སྔོན་མར་སྐུ་ཞབས་མོ་མ་རི་ལ་སེང་ག་པུར་གྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་པའི་སྐབས་སུ་སྲིད་བློན་ལ་བསྐྱར་འདེམས་བྱུང་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཧྥིལ་མེར་སེར་གྱིས་སྤེལ་པའི་གནས་ཚུལ་དེ་ཚེ་རིང་སྐྱིད་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG