ངོ་འཕྲད་བདེ་བའི་དྲ་འབྲེལ།

པ་ཀི་སི་ཐན་གྱི་དྲག་ཟིང༌།


༄༅།། པ་ཀི་སི་ཐན་གྱི་ལཱ་ཧོར་གྲོང་ཁྱེར་དུ་ཡོད་པའི་སུ་ཧཕི་ཆོས་བརྒྱུད་ཀྱི་ཁ་ཆེའི་ལྷ་ཁང་ཞིག་ལ་རང་སྲོག་བློས་གཏོང་བ་ཚོས་གཏོར་རྒོལ་བྱས་ཏེ། མི་༤༢་ལ་སྲོག་སྐྱོན་དང་མི་༡༨༠་ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་དང༌། ད་ལྟ་པ་ཀི་སི་ཐན་གྱི་བདེ་འཇགས་སྲུང་སྐྱོབ་པ་ཚོས་སུ་ཧཕི་ཆོས་བརྒྱུད་ཀྱི་ལྷ་ཁང་ཁག་ལ་སྲུང་སྐྱོབ་དམ་པོ་བྱེད་ཀྱི་ཡོད་པ་མ་ཟད། རང་སྲོག་བློས་གཏོང་བ་དེ་དག་སུ་སུ་ཡིན་མིན་དང༌། ཁོང་ཚོ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་གང་གི་ཚོགས་མི་ཡིན་མིན་རྩད་གཅོད་བྱེད་ཀྱི་ཡོད་པ་སྟེ། པ་ཀི་སི་ཐན་གྱི་གཞུང་འབྲེལ་མི་སྣ་ཞིག་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ང་ཚོས་རང་སྲོག་བློས་གཏོང་བའི་གཏོར་རྒོལ་འདིར་ཞིབ་འཇུག་གཟབ་ནན་བྱེད་ཀྱི་ཡོད་པ་དང༌། གཟའ་པ་སངས་འདི་ཁ་ཆེ་ཚོ་ལྷ་ཁང་ལ་ཕྱག་འཚལ་བ་དང་ཁ་འདོན་བྱེད་པར་འདུ་འཛོམས་བྱེད་པའི་དུས་སྐབས་ཤིག་ཡིན། དེར་བརྟེན་ང་ཚོས་པ་ཀི་སི་ཐན་རྒྱལ་ཡོངས་ཀྱི་ཁ་ཆེའི་ཁ་ཁང་ཁག་ལ་བདེ་འཇགས་ཉེན་རྟོག་པ་འགྲེམ་འཇོག་བྱས་ནས་སྲུང་སྐྱོབ་དམ་དུ་བཏང་ཡོད་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG