ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་འཁོར་རྗེས་མར་པ་ཀི་སི་ཐན་གྱི་སྲིད་བློན་ཎ་ཝ་ཟི་ཤ་རིབ་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ཏེ། ཁོང་གིས་ཨ་རིའི་སྲིད་འཛིན་ཨོ་བྷ་མར་མཇལ་འཕྲད་གནང་འཆར་ཡོད་ཅིང་། ད་རེས་ཀྱི་འཚམས་འདྲི་འདི་ཁ་སྔོན་ཕྱི་ཟླ་༦་ནང་སྐུ་ཞབས་ཤ་རིབ་ལ་སྲིད་བློན་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་པའི་རྗེས་སུ་ཨ་རིའི་དཔོན་རིགས་ཁག་ལ་མཇལ་འཕྲད་གནང་གི་ཡོད་པ་ཐེངས་དང་པོ་དེ་ཡིན་པའི་སྐོར། འདི་གའི་གསར་འགོད་པས་ས་སྤེལ་བའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།
XS
SM
MD
LG