ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

པ་ཀིས་ཏན་གྱི་ས་མཚམས་སུ་མི་གསོད་ཁྲག་སྦྱོར་བྱུང་རྗེས་སྦིར་གསང་ཐོན་པོའི་ངང་གནས་ཡོད་པ།


རེས་གཟའ་ཉི་མའི་ཉིན་ཁ་ཆེ་ཆོས་ལུགས་ནང་ཁུལ་འཐེན་འཁྱེར་གྱིས་རྐྱེན་པས་རང༌སྲོག་བློས་གཏོང་བ་ཞིག་གིས་རང་གི་ལུས་པོར་འབར་རྫས་སྤར་ཏེ་མི་གྲངས་ ༥༥ བསད་ཡོད་པ་དང་། མང་པོར་རྨད་སྐྱོན་ཕོག་ཡོད་པ་རེད། འདི་ནི་ལོ༌ཤས་ནང་པ་ཀིས་ཏན་ནང་འབར་རྫས་ཀྱི་འོག་མི་རྐྱེན་འདས་སུ་གྱུར་མང་ཤོས་ཆགས་ཡོད། དེ་ཡང་རེས་གཟའ་ཉི་མའི་ཉིན་པ་ཀིས་ཏན་དང་། རྒྱ་གར་གྱི་ས་མཚམས་སུ་ཝ་ག་ཞེས་པ༌དེར་རྒྱ་གར་དང་། པ་ཀིས་ཐན་རྒྱལ་ཁབ་གཉིས་ཀྱི་ས་མཚམས་རྒྱལ་སྒོ་ཕྱེ་སྐབས་དམག་རྩེད་བྱས་ཏེ་རྒྱལ་སྒོ་ཕྱེ་སྲོལ་ཡོད་པར་ཡུལ་ཁོར་སྤྲོ་འཆམ་པ་མང་པོ་འདུ་འཛོམས་བྱེད་ཀྱི་ཡོད་པའི་གོ་སྐབས་ཟིན༌ནས་འབར་རྫས་སྦར་ཏེ་མི་གསོད་ཁྲག་སྦྱོར་བའི་བྱུང་རྗེས་པ་ཀིས་ཏན་གྱི་ཉེན་རྟོག་པ་ཚོ་སྦིར་གསང་ཐོན་པོས་སུང་ཆ་བྱེད་ཀྱི་ཡོད་པ༌སོགས་ཀྱི་སྐོར།གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཕྱོགས་བསྡུས་ཤིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་བསྒྱུར་དང་།

XS
SM
MD
LG