ངོ་འཕྲད་བདེ་བའི་དྲ་འབྲེལ།

པ་ཀི་སི་ཐན་གྱི་ཞིང་ཆེན་ཆེ་ཤོས་བྷ་ལུ་ཅི་སི་ཐན་ལ་གཞུང་གི་མངའ་འོག་ཏུ་སྡོད་འདོད་མེད་མཁན་ཚོས་ཡུན་རིང་ཞིག་ནས་ས་ཁུལ་དེའི་རང་འབྱུང་གཏེར་ཁ་ཁག་ལ་སྟངས་འཛིན་བྱེད་ཕྱོགས་དང་། ས་གནས་དེར་རང་སྲིད་རང་སྐྱོང་གི་གནས་བབ་ཅིག་འཐོབ་རྒྱུའི་དམིགས་ཡུལ་བཅངས་ནས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་ཡོད་ཅིང་། ད་ཆ་ས་ཁུལ་དེའི་འགོ་ཁྲིད་གསར་པ་ཚོས་་དྲག་སྤྱོད་ཀྱི་ལས་འགུལ་ཁག་མཚམས་བཞག་སྟེ་པ་ཀིས་ཐན་གྱི་སྲིད་གཞུང་ལ་ཞི་འགྲིག་གྲོས་མོལ་བྱ་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཨ་ཡ་ཟི་འགུལ་གྱིས་སྤེལ་བའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།
XS
SM
MD
LG