ངོ་འཕྲད་བདེ་བའི་དྲ་འབྲེལ།

ས་ཆའི་ཐོབ་ཐང་རྩོད་ལེན་པར་འཆི་སྐྱོན།


རྒྱ་ནག་ཤར་ཕྱོགས་ཀྲེ་ཅང་ཞིང་ཆེན་གྱི་གྲོང་གསེབ་ཅིག་གི་སྡེ་དཔོན་ཟུར་པ་ཆན་ཡུན་ཧྥེང་གིས་མང་ཚོགས་ཀྱི་ས་ཆའི་ཐོབ་ཐང་བརྩད་ནས་འཆི་སྐྱོན་བྱུང་བའི་གནས་ཚུལ་ཐོན་པ་དང་། ད་ལྟ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོས་སྡེ་དཔོན་ཟུར་པ་དེར་འཆི་སྐྱོན་བྱུང་དགོས་པའི་རྒྱུ་རྐྱེན་ཅི་ཡིན་རྩད་གཅོད་བྱེད་དགོས་ཞེས་དྲ་ལམ་བརྒྱུད་ནས་གླེང་སློང་ཤུགས་ཆེ་བྱས་ཡོད་ཅིང་། རྒྱ་ནག་གི་ཉེན་རྟོག་པ་ཚོས་རང་ལོ་༥༣་ལ་སོན་པའི་སྡེ་དཔོན་ཟུར་པ་ཆན་ཡུན་ཧྥེང་རླངས་འཁོར་བརྡབ་སྐྱོན་འོག་ཏུ་ཚེ་སྲོག་ཤར་པ་རེད་ཅེས་འགྲེལ་བཤད་རྒྱག་གི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG