ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྔ་པར་སླར་ཡང་བོད་པ་ཞིག་གིས་རང་སྲེག་ངོ་རྒོལ།


བོད་ནང་གི་བོད་པ་ཚོས་བེད་སྤྱོད་མང་པོ་གཏོང་བའི་ཝེ་ཤིན་གླེང་སྟེགས་སུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་ཕྱི་ཟླ་༨་ཚེས་༦་ཉིན་བོད་ཀྱི་མདོ་སྨད་རྔ་པ་རྫོང་གི་དཔའ་བོའི་སྲང་ལམ་གྱི་འཁྲིས་སུ་ཀིརྟི་དགོན་པའི་གྲྭ་བ་བློ་བཟང་འཕྲིན་ལས་ཞེས་པ་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་གི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་རྣམས་བརྒྱུགས་ཡོང་ནས་བློ་བཟང་འཕྲིན་ལས་ཀྱི་ལུས་ལ་རས་དཀར་པོ་ཞིག་གཡོགས་ནས་འཁྱེར་སོང་ཞེས་གླེང་སློང་བྱེད་བཞིན་པ་མ་ཟད། ཚེ་རིང་སྐྱིད་ཀྱིས་གནས་ཚུལ་དེར་རྩད་ཞིབ་བྱས་ཏེ་རང་སྲེག་ངོ་རྒོལ་བ་དེ་ཀིརྟི་དགོན་པའི་གྲྭ་བ་ཞིག་ཡིན་མིན་ཁ་གསལ་མེད་ཀྱང་། གང་ལྟར་དེ་རིང་རྔ་བར་རང་ལུས་མེར་སྲེག་གི་ངོ་རྒོལ་ལས་འགུལ་ཞིག་བྱུང་ཡོད་པ་བདེན་པ་ཡིན་པའི་སྐོར་གྱི་གནས་ཚུལ་ཞིག་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG