ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཕྲུག་ཚོར་རང་གི་སྐད་ཡིག་སྦྱོང་བརྡར་བྱ་རྒྱུའི་ཐོབ་ཐང་ཡོད་ཅེས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་གསུངས་པ།


བོད་ཕྲུག་ཚོར་རང་གི་སྐད་ཡིག་སྦྱོང་བརྡར་བྱ་རྒྱུའི་ཐོབ་ཐང་ཡོད་ཅེས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་གསུངས་པ།

འདི་ཟླའི་ཚེས་༢༧ཉིན་བྷེལ་ཇི་ཡམ་གྱི་རྒྱལ་ས་བྷ་ར་སལ་ནང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལས་ཁུངས་མདུན་དུ་དེ་ཁུལ་དུ་གནས་པའི་བོད་མི་ཚོས་ཉེ་ཆར་བོད་མདོ་སྨད་ཁུལ་གྱི་བོད་པའི་སློབ་གྲ་བ་ཚོས་རྒྱ་ནག་གཞུང་ལ་མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་དགོས་པའི་དགོས་འདུན་འདོན་ཆེད་རྔམ་སྟོན་ཁྲོམ་སྐོར་བྱས་པ་དེར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་འདུ་འཛོམས་ཤིག་བྱས་པ་དང་ཆབས་ཅིག་ ཞུ་ཡིག་ཞིག་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་བྱིས་པའི་ཐོབ་ཐང་ལས་དོན་ཁང་ལ་ཕུལ་ཡོད་པ་དང་ ལས་ཁུངས་དེའི་ལས་སྣེ་ཞིག་གིས་བོད་ནང་གི་བོད་ཕྲུག་ཚོར་རང་གི་སྐད་ཡིག་སྦྱང་རྒྱུའི་ཐོབ་ཐང་སྤྲོད་དགོས་ངེས་རེད་ཅེས་གསུངས་ཡོད་པའི་སྐོར་འདི་གའི་གནས་ཚུལ་མཁོ་གཏོང་བ་ཐུབ་བསྟན་དགེ་ལེགས་ལགས་ཀྱིས་བཏང་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG