ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་དབྱིན་ཇིའི་སྲིད་བློན་ཌི་ཧྥི་ཌི་ཁེམ་རུན་གཉིས་ཀྱིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཟིང་འཁྲུག་སློང་གི་ཡོད་པར་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅིང་། ཁོང་ཚོས་ཨུ་རུ་སུའི་གཞུང་གིས་ཁྲིམས་འགལ་དང་རང་གི་ཁེ་ཕན་དོན་དུ་ཡུཀ་རེན་གྱི་ཁེ་རེ་མི་ཡ་གླིང་ཟུར་ཧྲིལ་བོ་བཙན་འཕྲོག་བྱས་ཏེ། རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞི་བཅས་པ་གཙབ་རལ་དུ་བཏང་སོང་། ཨུ་རུ་སུས་རང་བཙན་དང་བདག་དབང་ལྡན་པའི་ཡུཀ་རེན་རྒྱལ་ཁབ་ལ་བཙན་དྲག་དང་མེ་མདའི་སྡིགས་རའི་འོག་ཏུ་ཡུཀ་རེན་དམངས་གཙོའི་ཕྱོགས་སུ་མདུན་སྐྱོད་བྱེད་ཀྱི་ཡོད་པ་འགོག་གི་ཡོད་པས། ང་ཚོས་ངེས་པར་དུ་ཡུཀ་རེན་ལ་དམངས་གཙོའི་ལམ་ལུགས་ལྟར་རང་གི་མདུན་ལམ་ཐག་གཅོད་བྱ་ཆོག་པའི་ཐོབ་ཐང་ཡོད་པ་དེར་རྒྱབ་སྐྱོར་བྱ་དགོས། ང་ཚོས་ཡུཀ་རེན་གྱི་སྟོབས་ཤུགས་ཡར་རྒྱས་གཏོང་རྒྱུ་དེ་ལའང་རྒྱབ་སྐྱོར་བྱ་དགོས་པ་དང་། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་དམག་དཔུང་ཁག་ཅིག་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་འགྲེམ་འཇོགས་བྱས་ཏེ། ང་ཚོས་ཨུ་རུ་སུ་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རང་གི་ཚོགས་འཐུས་རྒྱལ་ཁབ་ཁག་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུར་འགྱུར་བ་མེད་པ་སྟོན་ཐབས་བྱ་དགོས། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་འཕྲལ་དུ་གདོང་སྐྱོད་རུ་ཁག་གི་དམག་དཔུང་ཞིག་གསར་འཛུགས་བྱ་དགོས་ཞེས་རྩོམ་ཡིག་བྲིས་ཏེ། སྲིད་འཛིན་ཨོ་བྷ་མ་དང་དབྱིན་ཇིའི་སྲིད་བློན་གཉིས་ཀྱི་མཚན་རྟགས་འཁོད་པའི་ཐུང་མོང་གི་རྩོམ་ཡིག་དེ་དབྱིན་ཇིའི་གསར་ཤོག་ཆེ་ཁག་ལོན་ཌོན་དུས་བབ་ཚགས་པར་ལ་བཀོད་ཡོད་པ་རེད།

XS
SM
MD
LG