ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཨོ་བྷ་མ་ཕི་ཚི་བྷར་གྷེ་གྲོང་ཁྱེར་ཕྱི་ལོགས་སུ་ཡོད་པའི་དྭངས་ལྕགས་བཟོ་གྲྭ་ཞིག་ལ་གཟིབས་ཏུ་ཕེབས་ཏེ། ཁོང་གིས་ཨ་མི་རི་ཀའི་ངལ་རྩོལ་མི་མང་ལ་འཚོ་གནས་ཐུབ་པའི་དཔལ་འབྱོར་ཡོང་འབབ་ཅིག་བསྐྲུན་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་གཏམ་བཤད་བྱས་པ་དང་། ཨ་མི་རི་ཀའི་དྭངས་ལྕགས་བཟོ་གྲྭའི་བཟོ་བ་ཚོས་སྲིད་འཛིན་ཨོ་བྷ་མར་དགའ་བསུ་ཆེན་པོ་ཞུས་འདུག སྲིད་འཛིན་ཨོ་བྷ་མས་ངས་དབུས་གཞུང་ལ་གན་རྒྱ་བཞག་པའི་གླ་བ་ཚོ་དང་དབུས་གཞུང་ལ་ཚོང་འབྲེལ་བཙུགས་ཡོད་པའི་ཁེ་ལས་པ། དབུས་གཞུང་གིས་གླ་ཕོགས་སྤྲོད་ཀྱི་ཡོད་པའི་གླ་བ་ཚོར་མ་ཐ་ཡང་དུས་ཡུན་ཆུ་ཚོད་གཅིག་ལ་ཨ་སྒོར་༡༠་དང་པེ་ཤཱ་༡༠་ཐམ་པའི་གླ་ཕོགས་དྲང་སྙོམས་ཤིག་འཐོབ་དགོས་ཞེས་སྲིད་འཛིན་གྱི་བཀའ་རྒྱ་གཏོང་རྒྱུ་དང་། ལས་མི་གང་ཞིག་ཨ་མི་རི་ཀའི་དམག་ལ་བཟའ་བཏུང་གཡོ་སྐོལ་བྱེད་མཁན་ཡིན་ནའང་འདྲ། ཨ་མི་རི་ཀའི་དམག་གི་དཀར་སྡེར་འཁྲུད་མཁན་ཡིན་ཡང་ཁྱད་པར་མེད། མི་མང་དེ་ཚོ་དབུལ་ཕོངས་ཀྱི་གནས་སུ་ལྷུང་ནས་འཚོ་གནས་བྱ་དགོས་དོན་མེད་ཅེས་གཏམ་བཤད་བྱས་སོ།།
XS
SM
MD
LG