ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་བྷ་མས་རྒྱ་ནག་ལ་ཉེན་བརྡ་དང་ཕི་ལི་པིནསེ་ལ་རྒྱབ་སྐྱོར་བྱ་རྒྱུ་གསལ་སྟོན་གནང་བ།


ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་ཡིས་ཁ་ས་གཟའ་མིག་དམར་ཉིན་སྐབས་འདིའི་ཨེ་ཤི་ཡ་ཁུལ་གྱི་འཚམས་འདྲི་གཟིགས་སྐོར་མཇུག་བསྒྲིལ་གནང་བའི་སྐབས་སུ་ རྒྱ་ནག་གིས་ས་ཁུལ་གྱི་བདག་དབང་རྩོད་རྙོག་སེལ་རྒྱུར་དྲག་ཤུགས་བྱེད་སྤྱོད་བྱས་པ་ཡིན་ན་དེར་ཨ་རིས་ངོ་རྒོལ་བྱ་རྒྱུ་ཡིན་པ་གསལ་སྟོན་གནང་བ་དང་སྦྲགས་ ཨ་རིའི་མཐུན་ཕྱོགས་ཕི་ལི་པིནསེ་ལ་ཨ་རིས་དམག་དོན་རྒྱབ་གཉེར་བརྟན་པོ་བྱེད་རྒྱུ་ཡིན་ཞེས་ཁས་ལེན་གནང་འདུག་པའི་ཐད་རྒྱལ་སྤྱིའི་གསར་ཤོག་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG