ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རིའི་སྲིད་འཛིན་ཨོས་ཊེར་ལི་ཡར་ཕེབས་ཏེ་ཕྱི་འབྲེལ་སྲིད་ཇུས་ཀྱི་ཁ་ཕྱོགས་མཚོན་རྒྱུ


ཨོས་ཊེར་ལི་ཡ་དང་ཨ་མི་རི་ཀ་ཕན་ཚུན་དམག་དོན་འབྲེལ་བ་འཛུགས་ནས་ལོ་༦༠འཁོར་བའི་དུས་དྲན་སྲུང་རྩི་ཞུ་ཆེད་གཟའ་འཁོར་འདིའི་ནང་སྲིད་འཛིན་ཨོ་བྷ་མས་ཨོས་ཊེར་ལི་ཡའི་གྲོས་ཚོགས་སུ་གཏམ་བཤད་གནང་རྒྱུ་ཡིན་ཞིང། ༡༩༥༡ལོར་གྲང་དམག་ཚད་མཐོ་པོ་ཡོད་པའི་སྐབས་ཨོས་ཊེར་ལི་ཡ་དང་ནིའུ་ཛི་ལེན་ཌ་དེ་བཞིན་ཨ་མི་རི་ཀ་བཅའ་གསུམ་ཨ་མི་རི་ཀའི་སན་ཕྷརན་སིས་ཁོའི་གྲོང་ཁྱེར་དུ་དམག་དོན་འབྲེལ་ལམ་ཐད་ཆིངས་ཡིག་བཞག་ཡོད་པའི་སྐོར་ཞིབ་ཕྲའི་གནས་ཚུལ་བསོད་ནམས་གཡང་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG