ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོ་དང་ད་དུང་དམངས་གཙོ་ཚོགས་པའི་འཐུས་མི་ཁག་ཅིག་གིས་ཀྱང་སྲིད་འཛིན་ཨོ་བྷ་མ་མེཀ་སི་ཁོའི་ས་མཚམས་ཁག་ལ་གཟིགས་ཞིབ་ཏུ་ཕེབས་ཏེ། ད་ལྟ་མེཀ་སི་ཁོ་དང་ཨ་རིའི་ས་མཚམས་ཁག་ཏུ་ཉིན་ལྟར་ཨ་མི་རི་ཀར་ཕྲུ་གུ་བརྒྱ་ཕྲག་མང་པོ་སྐྱབས་བཅོལ་དུ་ཡོང་གི་ཡོད་པའི་དཀའ་ངལ་ལ་གདོང་ལེན་བྱ་དགོས་ཞེས་ནན་བརྗོད་བྱས་ཀྱང་། སྲིད་འཛིན་ཨོ་བྷ་མ་ཊེཀ་སི་སི་མངའ་སྡེར་ཕེབས་ཀྱང་མངའ་སྡེ་དེ་དང་ས་འབྲེལ་ཡིན་པའི་མེཀ་སི་ཁོའི་ས་མཚམས་ཁག་ལ་ཕེབས་མེད་པ་དང་། ཁོང་གིས་ཨ་རིའི་གྲོས་ཚོགས་ལ་ས་མཚམས་སྲུང་སྐྱོབ་དང་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་རྣམས་ཕྱིར་སློག ཕྲུ་གུ་སྐྱབས་བཅོལ་བ་རྣམས་གསོ་སྐྱོང་བྱེད་པར་ཨ་སྒོར་དུང་ཕྱུར་༣༧་གྱི་ཛ་དྲག་འགྲོ་གྲོན་ལ་ཆོག་མཆན་འགོད་དགོས་ཞེས་འབོད་སྐུལ་ཞུས་ཡོད་ཅིང་། ཉེ་བའི་ཟླ་ཤས་ཤིག་ནས་ཨ་རིའི་ཊེཀ་སི་སི་མངའ་སྡེའི་ས་མཚམས་བརྒལ་ཏེ་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ནས་ཨ་མི་རི་ཀར་ཁྲིམས་འགལ་གྱི་སྐྱབས་བཅོལ་བ་སྟོང་ཕྲག་མང་པོ་ཡོང་སྟེ། ད་ལྟ་སྐྱབས་བཅོལ་དེ་རྣམས་བཀག་འགོག་བྱེད་མི་ཐུབ་པའི་མཚམས་སུ་ལྷུང་ཡོད་པ་རེད།

XS
SM
MD
LG