ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཉི་ཧོང་ཕེབས་རྒྱུའི་སྐོར་གསལ་བསྒྲགས་གནང་བ།


ཉི་ཧོང་གཞུང་གིས་གཟའ་ལྷག་པའི་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ཉི་ཧོང་དུ་འདི་ཟླའི་ཚེས་༢༣ནས་༢༥བར་དུ་ཕེནས་རྒྱུ་གཏན་འཁེལ་སྲིད་པའི་སྐོར་དང་ ཉི་ཧོང་གཞུང་གིས་སྲིད་འཛིན་ཨོ་བྷ་མ་མཆོག་ལ་རྒྱལ་ཁབ་ཀྱི་ཆེས་མཐོའི་སྐུ་མགྲོན་ལ་ཕེབས་བསུའི་འགྲོ་ལུགས་ཀྱི་ཐོག་ནས་སྣེ་ལེན་ཞུ་རྒྱུའི་འཆར་གཞི་ཡོད་པ་སོགས་གསལ་བསྒྲགས་གནང་ཡོད་པ་དང་ ཨ་རིའི་གཞུང་གིས་སྲིད་འཛིིན་ཨོ་བྷ་མཆོག་ཟླ་བ་འདིའི་ཟླ་མཇུག་ཏུ་ཉི་ཧོང་ཚུད་པའི་རྒྱལ་ཁབ་བཞིའི་ནང་གི་གཟིགས་བསྐོར་དུ་ཕེབས་རྒྱུའི་གསལ་བསྒྲགས་དེའི་གོང་དུ་གནང་ཟིན་ཡོད་ནའང་དུས་ཚིགས་གཏན་འཁེལ་ཞིག་གསལ་བསྒྲགས་གནང་མེད་པ་སོགས་པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG