ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་འཛིན་ཨོ་བཱ་མ་རྒྱ་གར་ལ་འཚམས་འདྲིར་ཕེབས་འཆར་ཡོད་པ།


ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ཨོཽ་བཱ་མ་སྤྱི་ཟླ་བཅུ་གཅིག་པའི་ནང་ རྒྱ་གར་ལ་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུའི་འཆར་གཞི་ཡོད་པས་ དེང་སྐབས་རྒྱ་གར་གྱི་ནང་ཁོང་ལ་སྣེ་ལེན་ཞུ་རྒྱུར་གྲ་སྒྲིག་རྒྱ་ཆེ་ཞིག་བྱེད་བཞིན་པ་དང་ཆབས་ཅིག འཚམས་འདྲི་འདིའི་ཐོག་ནས་ཡུལ་གྲུ་གཉིས་ཀྱི་འབྲེལ་བ་མུ་མཐུད་ཡར་རྒྱས་འགྲོ་རྒྱུར་ཕན་ནུས་ཇི་ཡོང་གི་ཐད་ རྒྱ་གར་གྱི་གསར་ཤོག་ཁག་གི་ཐོག་ཆེད་བརྗོད་ཀྱང་མང་པོ་ཞིག་ཐོན་བཞིན་པའི་སྐོར་ གསར་འགྱུར་བརྒྱུུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG