ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨོ་བྷ་མ་རྒྱ་གར་ལ་ཕེབས་ཐོན་གནང་རྒྱུ་ཡིན་པ།


གཟའ་འཁོར་འདིའི་མཇུག་ཙམ་དུ་ཨ་མི་རི་ཀའི་སྲིད་འཛིན་བྷ་རག་ཨོ་བྷ་མ་རྒྱ་གར་ལ་ཕེབས་ཐོན་གནང་རྒྱུ་ཡིན་པ་དང་དེ་ནི་འཛམ་གླིང་གི་མང་གཙོའི་ལམ་ལུགས་ལྡན་པའི་འཛམ་གླིང་གི་རྒྱལ་ཁབ་ཆེ་ཤོས་དེར་རང་གི་སྲིད་འཛིན་ལས་དུས་དང་པོའི་སྐབས་ཕེབས་པའི་གནས་ཚུལ་ཞིག་ཆགས་ཡོད་པ་དང སྲིད་འཛིན་མཆོག་གིས་ཨེ་ཤི་ཡའི་ནང་ཨ་མི་རི་ཀའི་དཔལ་འབྱོར་དང་བདེ་འཇགས་ཀྱི་འབྲེལ་ལམ་དམ་ཟབ་ཏུ་གཏོང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་སོགས འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ ར་ཝི ཁ་ན་ གྱིས་སྤེལ་བས་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱི་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེ།

XS
SM
MD
LG