ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྲིད་འཛིན་ཨོ་བྷ་མ་ཧི་རོ་ཤི་མ་གྲོང་ཁྱེར་ལ་གཟིགས་བསྐོར་གནང་རྒྱུ་ཡིན་པ།


བདུན་ཕྲག་རྗེས་མའི་རེས་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་བྷ་རག་ ཨོ་བྷ་མ་ཉི་འོང་གི་གྲོང་ཁྱེར་ཧི་རོ་ཤི་མར་གཟིགས་བསྐོར་གནང་གི་ཡོད་པ་དེ་ནི་ཨ་རི་དང་ཉི་འོང་གཉིས་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་ཡོད་པ་མངོན་ཐབས་ཡིན་པ་མ་ཟད། འཛམ་གླིང་ནང་རྡུལ་ཕྲན་གོ་མཚོན་རྩ་མེད་བཟོ་རྒྱུའི་ཆོད་སེམས་དེ་སྔར་ལས་ནུས་ཤུགས་ཆེ་རུ་བཏང་བ་མཚོན་ཐབས་ཞིག་ཀྱང་ཡིན་པ་རེད། འོན་ཀྱང་ཁོང་གི་གཟིགས་བསྐོར་དེར་སྐྱོན་བརྗོད་བྱེད་མཁན་ཚོས་སྲིད་འཛིན་ཨོ་བྷ་མས་རྡུལ་ཕྲན་གྱི་སྲིད་བྱུས་ལ་ཚིག་སྔ་ཕྱི་འགལ་བ་དང་དྲན་ཤེས་དོར་བའི་སྐྱོན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཕོ་བྲང་དཀར་པོའི་ལས་བྱེད་ཚོས་བརྗོད་དོན་གཞིགས་ན་ དེ་སྔ་དམག་ཆེན་གཉིས་པའི་སྐབས་སུ་ཨ་རིས་རྡུལ་ཕྲན་གོ་མཚོན་འཕངས་པའི་ས་གནས་དེར་ཨ་རིའི་སྲིད་འཛིན་ལས་ཐོག་པ་གཅིག་གིས་གཟིགས་བསྐོར་དང་པོ་གནང་སྐབས་སྲིད་འཛིན་ཨོ་བྷ་མས་ཨ་རིའི་བྱས་ཉེས་ལ་དགོངས་སེལ་ཞུ་འཆར་ཡོད་མ་རེད་ཅེས་འགྲེལ་བརྗོད་བྱས་འདུག་པ་དང་། གཟིགས་བསྐོར་དེའི་སྐབས་ཉི་འོང་གི་སྲིད་བློན་ཤིན་ཛོ་ ཨ་བྷེ་ཡང་མཉམ་དུ་ཕེབས་ཀྱི་ཡོད་པ་རེད།

XS
SM
MD
LG