ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། ཨ་རིའི་གྲོས་ཚོགས་ཀྱིས་དབུས་གཞུང་གི་ལོ་རེའི་འགྲོ་གྲོན་ལ་ཆོག་མཆན་མ་བཀོད་པར་ཉི་མ་༡༦་ལ་ཨ་མི་རི་ཀའི་དབུས་གཞུང་གི་ལས་ཁུངས་ཕལ་ཆེ་བ་སྒོ་བརྒྱབ་པ་དང་། ཁ་སང་ཕྱི་༡༠་ཚེས་༡༦་ཉིན་ཨ་རིའི་གྲོས་ཚོགས་ཀྱིས་ལོ་རྗེས་མའི་ཕྱི་ཟླ་དང་པོའི་ཚེས་༡༥་བར་དུ་ཨ་རིའི་དབུས་གཞུང་ལ་འགྲོ་གྲོན་སྤྲོད་རྒྱུ། ཨ་མི་རི་ཀའི་ནོར་སྲིད་ལྷན་ཁང་གིས་ཀྱང་ཕྱི་ཟླ་༢་ཚེས་༧་བར་དུ་བུ་ལོན་བསྐྱི་ཆོག་པའི་གྲོས་ཆོད་བཞག་སྟེ། མདང་དགོང་སྲིད་འཛིན་ཨོ་བྷ་མས་གྲོས་ཚོགས་ཀྱིས་ཐག་གཅོད་བྱས་པའི་གྲོས་ཆོད་དེར་མཚན་རྟགས་བཀོད་ནས་དབུས་སྲིད་གཞུང་གི་ལས་ཁུངས་ཁག་བསྐྱར་དུ་སྒོ་ཕྱེས་ཡོད་པ་དང་། ད་ཐེངས་ཀྱི་གྲོས་ཆོད་དེར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་༨༡་གིས་རྒྱབ་སྐྱོར་དང་འཐུས་མི་༡༨་ཀྱིས་མོས་མཐུན་མེད་པའི་འོས་ཤོག་འཕངས་ཡོད་པས། ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་གྲོས་ཚོགས་གོང་མའི་གྲོས་ཆོད་དེར་མོས་མཐུན་ཡོད་མེད་ཀྱི་འོས་ཤོག་མ་འཕངས་གོང་། སྲིད་འཛིན་ཨོ་བྷ་མས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་སྲིད་གཞུང་བསྐྱར་དུ་སྒོ་འབྱེད་བྱེད་རྒྱུ་ཡིན་ཞེས་གཏམ་བཤད་བྱས་ཡོད་པ་རེད།།
XS
SM
MD
LG