ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨཽ་བྷ་མ་ཡིས་མཱ་ལེ་ཤི་ཡ་ལ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་གསུངས་ཡོད་པ།


ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨཽ་བྷ་མ་ད་ལྟ་མཱ་ལེ་ཤི་ཡེའི་ནང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྒྱལ་དོན་འཚམས་འདྲི་གནང་བཞིན་པ་ཡིན་ཞིང་། གཟའ་ཉི་མའི་ཉིན་ཁོང་གིས་དེ་གར་གཏམ་བཤད་ཅིག་གནང་བའི་ནང་། ཨ་མི་རི་ཀས་མཱ་ལེ་ཤི་ཡ་དང་མཛའ་མཐུན་གྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་འདོད་པ་ཆེན་པོ་ཡོད་ཅེས་གསལ་པོ་གསུངས་པ་དང་ཆབས་ཅིག མཱ་ལེ་ཤི་ཡ་གཞུང་གིས་རང་དང་ཆབ་སྲིད་ཀྱི་ཐད་ལྟ་སྤྱོད་མི་མཐུན་པ་རྣམས་ལ་དྲག་རྩུབ་བྱེད་པའི་བྱ་སྤྱོད་ལ་མོས་མཐུན་མེད་པའི་རྣམ་པ་གསལ་སྟོན་གནང་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།
XS
SM
MD
LG