ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༡

ཨོ་བྷ་མ་གཞུང་གིས་གཞུང་ཚབ་ཆེན་མོ་གནས་དབྱུངས་གཏོང་རྒྱུ་མིན་པ།


ཁ་སྔོན་ཟླ་བ་དགུ་པའི་ཚེས་༡༡ ཉིན་ཨཕ་རི་ཁའི་བྱང་ཕྱོགས་རྒྱལ་ཁབ་ལི་སྦི་ཡའི་གྲོང་ཁྱེར་སྦེན་གྷ་ཛི་ནང་ ཨ་རིའི་གཞུང་ཚབ་ཁང་ལ་ཐོག་གཏོར་རྒོལ་ཚབས་ཆེ་བྱུང་བའི་དོན་རྐྱེན་ཐད་འགོ་སྟོད་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་སུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་ལྕམ་སུ་སན་རཡེསེ་ཡིས་འགྲེལ་བཤད་ལོག་པ་བརྒྱབས་ཡོད་ལུགས་ནག་ཉེས་བཙུགས་ཏེ་ཁོང་ལས་གནས་ནས་དགོངས་ཞུ་བྱེད་དགོས་ཞེས་སྤྱི་མཐུན་ཚོགས་པའི་འཐུས་མི་གནད་ཡོད་གཅིག་གིས་དགོས་འདུན་བཏོན་ཡོད་ཀྱང་དེར་ཨོ་བྷ་མ་ཆབ་སྲིད་འཛིན་སྐྱོང་ཁང་གིས་ངོས་ལེན་བྱས་མེདཔ་རེད། འདིའི་ཐད་རྒྱལ་སྤྱིའི་གསར་ཤོག་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG