ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨཽ་བྷ་མ་ཝེ་ཏི་ནམ་ནང་འཚམས་འདྲི་གནང་གྲུབ་སྟེ་ད་ལྟ་ཉི་ཧོང་དུ་ཕེབས་འབྱོར་གནང་ཡོད་པ།


ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨཽ་བྷ་མ་མཆོག་གིས་ ལྷོ་ཤར་ཨེ་ཤི་ཡེའི་རྒྱལ་ཁབ་ཝེ་ཏི་ནམ་ནང་ ཉིན་གྲངས་གསུམ་མིན་ཙམ་ཞིག་གི་རིང་ ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པའི་རྒྱལ་དོན་འཚམས་འདྲི་གནང་སྒོ་ཁག་ལེགས་པར་གྲུབ་པའི་རྗེས་ རེས་གཟའ་ལྷག་པའི་ཉིན་ ཉི་ཧོང་གི་ནང་ཕེབས་འབྱོར་གནང་སྟེ་ ཡུལ་དེའི་སྲིད་བློན་སྐུ་ཞབས་ཤིན་ཛོ་ཨཱ་བྷེ་དང་མཇལ་འཕྲད་གྲོས་མོལ་གནང་ཡོད་པ་རེད་ སྐུ་ཞབས་ཨཽ་བྷ་མ་མཆོག་ད་རེས་ཉི་ཧོང་ལ་ཕེབས་དོན་གཙོ་བོ་ནི་ བཟོ་ལས་ཡར་ཐོན་ཅན་གྱི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་དབུ་ཁྲིད་ཀྱི་ལྷན་ཚོགས་ལ་ཚོགས་ཞུགས་གནང་རྒྱུའི་ཆེད་དུ་ཡིན་ཞིང་ ཚོགས་འདུ་གྲུབ་པའི་རྗེས་ རེས་གཟའ་པ་སངས་ཉིན་ ཁོང་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤཱི་མཱ་ལ་གཟིགས་ཞིབ་གནང་བར་ཕེབས་རྒྱུའི་འཆར་གཞི་ཡོད་པ་དེ་ནི་ དེ་སྔ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨ་མི་རི་ཀས་ གྲོང་ཁྱེར་དེར་རྡུལ་ཕྲན་གྱི་འབར་མདེལ་བརྒྱབས་ཏེ་ མི་རྒྱུ་ཟོག་གསུམ་ལ་གཏོར་སྐྱོན་ཧ་ཅང་ཆེན་པོ་བཏང་བའི་ལོ་རྒྱུས་ཀྱི་སྐྱོ་གནས་དེ་བྱུང་བའི་རྗེས་ ཨ་མི་རི་ཀའི་སྲིད་འཛིན་ལས་ཐོག་ཞིག་དེ་གར་ཕེབས་པ་ཐོག་མ་དེ་ཡང་ཆགས་རྒྱུ་ཡིན་པ་རེད།

XS
SM
MD
LG