ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨོ་ས་མ་བིན་ལ་ཌན་བསད།


ཨོ་ས་མ་བིན་ལ་ཌན་བསད།
ཨོ་ས་མ་བིན་ལ་ཌན་བསད།

ཕྱི་ལོ་༢༠༠༡་གི་ཟླ་བ་༩་ཚེས་༡༡་ཉིན་འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀར་གཏོར་རྒོལ་བྱས་ནས་བཟུང་། ཨ་མི་རི་ཀས་ཨབ་གྷ་ཎི་སི་ཐན་ལ་དམག་བརྒྱབ་ནས་རྒྱལ་ཁབ་དེའི་ཏ་ལི་བན་དབང་འཛིན་ཤོག་ཁག་མགོ་རྟིང་སློག་པ་དང་། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ལ་ཨ་མི་རི་ཀའི་གསང་བའི་ལས་ཁང་གིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་འགོ་གཙོ་ཨོ་ས་མ་བིན་ལ་ཌན་འཚོལ་ཞིབ་བྱས་ཏེ། ཁ་རྩང་ཕྱི་ཟླ་༥་ཚེས་༡་ཉིན་ཨ་མི་རི་ཀའི་དམག་གིས་པ་ཀི་སི་ཐན་གྱི་ཨ་བྷོ་དྷ་བྷཏ་ས་གནས་ཀྱི་ཁང་ཆེན་ཞིག་ལ་དཔུང་འཇུག་བྱས་པ་དང་། ཁོང་ཚོས་ཨོ་ས་མ་བིན་ལ་ཌན་གྱི་མགོ་ལ་མེ་མདའ་བརྒྱབ་ནས་བསད་པ་དང་ཕུང་པོ་ཡང་ཨབ་གྷ་ཎི་སི་ཐན་ལ་འཁྱེར་པ་མ་ཟད། མདང་དགོང་མཚན་དཀྱིལ་དེར་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོར་ཨ་མི་རི་ཀའི་མི་དམངས་ལ་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་ཨོ་ས་མ་བིན་ལ་ཌན་བསད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཕོ་བྲང་དཀར་པོའི་ཕྱི་ལོགས་སུ་ཨ་མི་རི་ཀ་བ་བརྒྱ་ཕྲག་མང་པོས་མཚན་ཧྲིལ་བོར་དགའ་སྟོན་བྱས་ཡོད་པ་རེད།

XS
SM
MD
LG