ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ནོར་ཝེའི་སྲིད་བློན་གྱིས་མཇལ་འཕྲད་མི་བྱེད་རྒྱུའི་ཐག་གཅོད་དེས་རྩ་དོན་གྱི་ཐད་བགྲོ་གླེང་།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ཏེ། ངོ་ལོ་༢༥ འཁོར་བའི་དུས་ དྲན་གྱི་མཛད་སྒོའི་ནང་ལྷན་ཞུགས་གནང་རྒྱུའི་ཆེད་དུ་༧གོང་ས་མཆོག་ནོར་ ཝེ་ཡུལ་ལ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པའི་སྐབས་སུ། ནོར་ཝེའི་སྲིད་བློན་གྱིས་ ༧གོང་ས་མཆོག་དང་མཇལ་འཕྲད་མི་བྱེད་རྒྱུའི་ཐག་གཅོད་བྱས་པའི་གནད་ དོན་དེས། ཡུལ་དེའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཡ་རབས་བཟང་སྤྱོད་ཀྱི་ རྩ་དོན་ཆ་ནས་འགྲིགས་ཡོད་མེད་ཀྱི་ཐད། བགྲོ་གླེང་ཤུགས་ཆེ་བྱེད་པའི་དོན་ རྐྱེན་ཞིག་བྱུང་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་གནས་ཁག་ཏུ་ཐོན་པའི་གནས་ ཚུལ་བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་ རེད།
XS
SM
MD
LG