ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྷོ་བྱང་ཀོ་རི་ཡ་གཉིས་ནང་མི་ཟླ་བསྒྲིལ་གཏོང་ཕྱོགས་ཀྱི་གྲོས་མོལ་བྱ་རྒྱུ་ཡིན་པ།


བྱང་ཀོ་རི་ཡས། གཟའ་འཁོར་འདིའི་ནང་ས་མཚམས་ས་ཁུལ་དུ། ལྷོ་བྱང་ཀོ་རི་ཡའི་ནང་མི་ཟླ་བསྒྲིལ་གཏོང་ཕྱོགས་སུ་གྲ་སྒྲིག་གི་གྲོས་མོལ་བྱ་རྒྱུར་མོས་མཐུན་བྱས་པའི་རྗེས། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས། ཀོ་རི་ཡའི་དམག་ འཁྲུག་གི་སྐབས་སུ། ནང་མི་ཁ་བྲལ་དུ་སོང་པ་རྣམས་ཟླ་བསྒྲིལ་ཐུབ་རྒྱུའི་ རེ་བ་བཟང་དུ་འགྲོ་བཞིན་ཡོད་པའི་རྣམ་པ་ཞིག་ཐོན་གྱི་ཡོད་པའི་སྐོར་རྒྱལ་ སྤྱིའི་གསར་གནས་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་བྱང་ཆུབ་སྒྲོལ་མས་ ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
XS
SM
MD
LG