ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་ཀོ་རི་ཡའི་དམག་སྦྱོང་ལ་བྱང་ཀོ་རི་ཡས་རྒོལ་ལན་སློག་རྒྱུའི་ཉེན་བརྡ།


ལྷོ་ཀོ་རི་ཡའི་དམག་སྦྱོང་ལ་བྱང་ཀོ་རི་ཡས་རྒོལ་ལན་སློག་རྒྱུའི་ཉེན་བརྡ།

ལྷོ་ཀོ་རི་ཡས་སླར་ཡང་མཚོ་སེར་པོའི་ནང་དུ་སྔོན་གྱི་འཆར་གཞི་ལྟར་མེ་འཕེན་གྱི་དམག་སྦྱོང་བྱེད་ཚེ། བྱང་ཀོ་རི་ཡས་དེ་ལ་རྒོལ་ལན་སློག་རྒྱུའི་ཉེན་བརྡ་བཏང་ཞིང་། བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པར་གཞིགས་ན། གལ་སྲིད་ལྷོ་ཀོ་རི་ཡའི་དམག་གིས་ཡུན་པི་འོང་གླིང་ཕྲན་ཐོག་ཏུ་མེ་འཕེན་གྱི་སྦྱོང་བརྡར་བསྐྱར་དུ་བྱེད་ཚེ། བྱང་ཀོ་རི་ཡས་ཕར་རྒོལ་ཐེངས་གཉིས་པ་དང་གསུམ་པ་ཞིག་ཀྱང་བྱེད་་མ་སྲིད་པ་མ་རེད་ཅེས་སྡིགས་ར་བསྐུལ་ཡོད་པ་དང་། ལྷོ་ཀོ་རི་ཡས་སང་ཉིན་གཟའ་སྤེན་པ་ནས་བདུན་ཕྲག་རྗེས་མའི་གཟའ་མིག་དམར་བར་དུ་ས་ཁུལ་དེའི་གནམ་གཤིས་དང་དེ་མིན་གྱི་མཐུན་རྐྱེན་ལ་གཞིགས་ནས་ཡུན་པེ་འོང་གླིང་ཕྲན་དུ་སྐམ་དམག་སྦྱོང་བརྡར་བྱ་འཆར་ཡོད་པ་རེད།།

XS
SM
MD
LG