ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡར་རྒོལ་ལན་སློག་རྒྱུའི་སྡིགས་ར།


ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ས་མཚམས་སུ་ཡོད་པའི་མཚོ་སེར་པོ་དེ་ཕྱོགས་གཉིས་ཀས་བདག་རྩོད་བྱེད་སའི་མངའ་ཁུལ་ཞིག་ཡིན་པ་དང༌། བདུན་ཕྲག་འདིའི་གཟའ་ཕུར་བུ་ནས་ལྷོ་ཀོ་རི་ཡའི་མཚོ་དམག་གིས་ཉི་མ་ལྔའི་རིང་མཚོ་སེར་པོའི་ནང་དུ་དམག་སྦྱོང་བྱས་ཏེ། ཁོང་ཚོས་མེ་ཤུགས་འཕུར་མདའ་བརྒྱ་ཕྲག་མང་པོ་དུས་གཅིག་ཏུ་འཕེན་ཐུབ་པའི་དམག་སྦྱོང་བྱེད་རྒྱུ་དང༌། ལྷོ་ཀོ་རི་ཡའི་མཁའ་མཚོ་གཉིས་ཀྱི་དཔུང་སྡེ་ཁག་གིས་འཐབ་ཇུས་མཉམ་འབྲེལ་བྱེད་རྒྱུ། མཚོ་དམག་གིས་སྐམ་ས་ལ་དཔུང་འཇུག་ཇི་ལྟར་བྱེད་དགོས་མིན་བཅས་དམག་སྦྱོང་ཆེན་པོ་ཞིག་བྱ་འཆར་ཡོད་ཀྱང༌། ད་རིང་གཟའ་མིག་དམར་ཉིན་བྱང་ཀོ་རི་ཡའི་དམར་ཤོག་གཞུང་གིས་ལྷོ་ཀོ་རི་ཡའི་མཚོ་དམག་ལ་སྦྱོང་བརྡར་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་དང༌། གལ་ཏེ་ལྷོ་ཀོ་རི་ཡའི་མཚོ་དམག་གིས་རང་ཚོད་མ་བཟུང་བར་མེ་འཕེན་སྦྱོང་བརྡར་དང་དཔུང་འཇུག་གི་དམག་སྦྱོང་བྱེད་ཚེ། བྱང་ཀོ་རི་ཡའི་རྒྱལ་སྲུང་དམག་གིས་ལྷོ་ཀོ་རི་ཡར་དྲག་ཤུགས་ཀྱི་སྒོ་ནས་ཡ་ལན་ནན་པོ་ཞིག་སློག་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་རེད།།

XS
SM
MD
LG