ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡའི་བློན་ཆེན་ཟུར་པ་ཞིག་ལ་སྲོག་ཁྲིམས་བཅད་པའི་གནས་ཚུལ་ཐོན་པ།


བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཚོས་རྒྱལ་ནང་ལ་དམ་དྲག་ནན་པོ་བྱས་ནས་ཕྱི་ལ་སྒོ་བརྒྱབ་པ་དང༌། འཛམ་གླིང་གི་གསར་འགོད་པ་ཚོས་ཀྱང་བྱང་ཀོ་རི་ཡའི་རྒྱལ་ནང་གི་གནས་ཚུལ་གང་ཡང་རྒྱུས་ལེན་བྱེད་ཐུབ་ཀྱི་མེད་ཀྱང༌། ལྷོ་ཀོ་རི་ཡའི་ཏུང་ཨ་ཉིན་རེའི་ཚགས་པར་གྱིས་པེ་ཅིང་གི་གནས་ཚུལ་འབྱུང་ཁུངས་ཤིག་ལ་གཞི་བཞག་ནས་གསར་འགྱུར་སྤེལ་པ་ལྟར་ན། བྱང་ཀོ་རི་ཡའི་བློན་ཆེན་ཟུར་པ་ཝོན་ཧོ་ཨུང་ལ་མེ་མདའ་བརྒྱབ་ནས་བསད་ཡོད་པ་དང༌། ཁོང་གིས་ཕྱི་ལོ་༢༠༠༤་ནས་༢༠༠༧་བར་དུ་བྱང་ཀོ་རི་ཡའི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་ནས་ལྷོ་ཀོ་རི་ཡར་གྲོས་མོལ་བྱས་ཤིང༌། ལྷོ་ཀོ་རི་ཡའི་གཅིག་གྱུར་ལྷན་ཁང་གིས་ཏུང་ཨ་ཉིན་རེའི་ཚགས་པར་ལ་ཐོན་པའི་གསར་འགྱུར་དེར་ངེས་བརྟན་བྱེད་ཐུབ་ཀྱི་མེད་པ་མ་ཟད། ད་དུང་ལྷོ་ཀོ་རི་ཡའི་གསང་བའི་ལས་ཁང་གིས་ཀྱང་གནས་ཚུལ་དེར་ཞིབ་འཇུག་བྱེད་བཞིན་ཡོད་ཅེས གསར་འགོད་པའི་དྲིལ་བ་ཁག་ལ་ལེན་འདེབས་བྱས་ཡོད་པ་རེད།།

XS
SM
MD
LG