ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ།


བྱང་ཀོ་རི་ཡའི་གཞུང་གིས་ཨུན་ཧྭ་གསུམ་པ་རྟགས་ཅན་གྱིས་མེ་ཤུགས་འཕུར་མདའ་ཞིག་གསར་འགོད་པ་ཚོར་བསྟན་པའི་བརྙན་འཕྲིན་ཐོན་ནས་བཟུང་། འཛམ་གླིང་གི་རྒྱལ་ཁབ་ཁག་གི་རྒྱལ་སྲུང་ཉམས་ཞིབ་པ་དང་གསང་བའི་ལས་ཁུངས་ཁག་ལ་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའི་འཕྲུལ་རིག་ལག་རྩལ་ལ་ཞིབ་འཇུག་བྱེད་པའི་གོ་སྐབས་ཤིག་གསར་པ་ཞིག་ཐོབ་པ་དང་། ཉམས་ཞིབ་པ་ཚོས་ལོ་ངོ་གསུམ་གྱི་གོང་དེར་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཞིག་གི་རྩེ་མོར་མི་བཟོས་སྲུང་སྐོར་བཀྱོན་ཏེ། ཁོ་ཚོས་འཁོར་སྐར་ཞིག་བར་སྣང་ཁམས་སུ་བཏང་ནས་ལམ་ལྷུང་མ་བྱུང་བ་དེ་དང་བསྡུར་ཚེ། ད་ལྟ་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའི་འཕྲུལ་རིག་ལག་རྩལ་ཡར་རྒྱས་ཆེན་པོ་སོང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

f

XS
SM
MD
LG