ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ།


བྱང་ཀོ་རི་ཡའི་མཚོ་འགྲམ་དུ་མེ་ཤུགས་འཕུར་མདེལ་བཙུགས་ཏེ། ཉི་ཧོང་གི་གསར་འགྱུར་ལས་ཁང་ཞིག་གིས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག་ཅེས་གནས་ཚུལ་སྤེལ་རུང་། ལྷོ་ཀོ་རི་ཡའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་བྱང་ཀོ་རི་ཡར་མེ་ཤུགས་འཕུར་མདེལ་ཞིག་དངོས་སུ་ཚོད་ལྟ་བྱ་རྒྱུའི་གྲ་སྒྲིག་ཡོད་མེད་ངེས་གཏན་བྱ་ཐུབ་རྒྱུ་ཁག་པོ་འདུག་ཅེས་བཤད་པ་དང་། ཕྱི་ཟླ་༤་ཚེས་༡༡་ཉིན་ལྷོ་ཀོ་རི་ཡའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཀིམ་མིན་སོག་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། བདུན་ཕྲག་རྗེས་མའི་གཟའ་ཟླ་བ་ཡས་མས་སུ་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་རེ་ཟུང་ཞིག་ཚོད་ལྟ་བྱ་སྲིད་ཅིང་། ཕྱི་ཟླ་༤་ཚེས་༡༥་ནི་བྱང་ཀོ་རི་ཡའི་དམར་ཤོག་རྒྱལ་ཁབ་གསར་འཛུགས་པ་ཀིམ་མིལ་སུང་གི་སྐྱེས་སྐར་ཡིན་པས། བྱང་ཀོ་རི་ཡའི་གཞུང་གིས་དུས་སྐབས་དེ་དང་བསྟུན་ནས་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱ་སྲིད་ཅེས་བཤད་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG