ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཨཽ་བྷ་མ་མཆོག་གིས་བྱང་ཀོ་རི་ཡ་ནི་ཚང་མས་བློ་འཚབ་ཆེན་པོ་བྱེད་གཞི་ཞིག་རེད་གསུངས།


ཨ་མི་རི་ཀའི་སྲིད་འཛིན་བྷ་རག་ཨཽ་བྷ་མ་མཆོག་གིས་ བྱང་ཀོ་རི་ཡ་ནི་ ཚང་མས་བློ་འཚབ་ཆེན་པོ་བྱེད་གཞི་ཞིག་རེད་ཅེས་གསུངས་འདུག་ དེ་ཡང་ རེས་གཟའ་ཕུར་བུའི་ཉིན་ ཉི་ཧོང་གི་དབུས་ཕྱོགས་ས་ཁུལ་ཞིག་ཏུ་ འཛམ་གླིང་གི་བཟོ་ལས་ཡར་ཐོན་ཅན་གྱི་འབྱོར་ལྡན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་དབུ་ཁྲིད་ཀྱི་ལྷན་ཚོགས་ ཉིན་དང་པོ་གནང་གྲུབ་པའི་རྗེས་ གསར་འགོད་ལྷན་ཚོགས་ཤིག་གི་ཐོག་སྐུ་ཞབས་ཨཽ་བྷ་མ་མཆོག་གིས་ བྱང་ཀོ་རི་ཡ་ནི་ ང་ཚོ་ཚང་མས་བློ་འཚབ་ཆེན་པོ་བྱེད་གཞི་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་དང་འབྲེལ་ ད་ལྟ་ལམ་འཕྲལ་ཡུལ་དེའི་ཕྱོགས་ནས་ཉེན་ཁ་འཕྲད་གཞིའི་གནས་ཚུལ་མེད་ནའང་ རྒྱལ་སྤྱིའི་ཐོག་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་བྱང་ཀོ་རི་ཡེའི་གཞུང་འདི་ནི་ ག་དུས་གང་བྱེད་སུས་ཀྱང་ཚོད་དཔག་དཀའ་བ་ཞིག་ཡིན་པས་ འདི་འདྲའི་གནས་སྟངས་ཤིག་ཡོད་པའི་སྐབས་འདིར་ ཉེན་ཁ་གང་ཙམ་ཞིག་ཡོད་མུས་ཡིན་སྟབས་ ང་ཚོས་དོ་སྣང་ཆེན་པོ་བྱེད་དགོས་པ་ཡིན་ཞེས་གསུངས་ཡོད་པ་རེད།

XS
SM
MD
LG