ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་འགྱུར་ལས་ཁང་གིས་ཡུལ་དེའི་དམར་ཤོག་ཚོགས་པའི་འགོ་ཁྲིད་མཐོ་ཤོས་ཤིག་ལ་ སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བཙུགས་ནས་ སྲོག་ཐོག་ལ་བཏང་ཡོད་པའི་གསལ་བསྒྲགས་བྱས་འདུག་ཅིང་། ད་རེས་ཀྱི་གནས་ཚུལ་དེས་དེང་སྐབས་དམར་ཤོག་གི་བྱང་ཀོ་རི་ཡའི་ནང་ཁུལ་ལ་ཆབ་སྲིད་དང་དབང་ཆའི་འཐབ་རྩོད་ཆེན་པོ་ཞིག་འབྱུང་བཞིན་པ་མཚོན་ཐུབ་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཌན་ཎིལ་ཤཱེ་ཧྥོར་གྱིས་ལྷོ་ཀོ་རི་ཡའི་རྒྱལ་ས་ སོལ་ནས་བཏང་བའི་གནས་ཚུལ་ཞིག་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།
XS
SM
MD
LG