ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨརིའི་དེ་སྔའི་སྲིད་འཛིན་ཇེམི་ཁ་ཌ་བྱང་ཀོ་རིཡའི་ནང་ཕེབས་ཡོད་པ།


བྱང་ཀོ་རི་ཡས་བརྗོད་པར་གཞིགས་ན་ཨ་རིའི་དེ་སྔའི་སྲིད་འཛིན་ཇེམེ་ཁཌ་མཆོག་རེས་གཟའ་ལྷག་ཉིན་བྱང་ཀོ་རི་ཡའི་ནང་ཕེབས་འབྱོར་གནང་ཡོད་པ་དང༌། དེ་ཡང་བྱང་ཀུ་རི་ཡ་གཞུང་གི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན་་སྐུ་ཞབས་ཁཌ་བྱང་ཀོ་རི་ཡའི་གནམ་ཐང་དུ་ཕེབས་འབྱོར་གནང་སྐབས་བྱང་ཀོ་རི་ཡའི་རྡུལ་ཕྲན་ལས་འཆར་ཐད་གྲོས་མོལ་བྱེད་མཁན་གྱི་འགོ་ཁྲིད་གཙོ་བོ་ཀྱིམཀེའིཝན་གྱིས་ཕེབས་བསུ་ཞུས་ཡོད་འདུག། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཁ་ཌ མཆོག་ད་རེས་བྱང་ཀོ་རི་ཡའི་ནང་ཕེབས་དགོས་དོན་ནི་ བྱང་ཀོ་རི་ཡའི་ནང་ ཁྲིམས་འགལ་ཐོག་བསྐྱོད་དེ་བཙོན་འཇུག་འོག་གནས་བཞིན་ཡོད་པ་ཨ་རི་བ་ཨཇལན་གོམསི་གློད་བཀྲོལ་ཡོང་རྒྱུའི་ཐུག་རེ་འཆང་ནས་ཕེབས་པ་ཞིག་ཡིན་ན་ཡང་ ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྐུ་ཞབས་ཁཌ་མཆོག་ད་རེས་བྱང་ཀོ་རིཡའི་ནང་ཕེབས་པ་དེ་ནི་མི་ཆོས་ཀྱི་ལས་དོན་དང་ཁོང་ཨ་རིའི་མི་སེར་ཞིག་ཡིན་པའི་གནས་བབ་ཀྱི་ཐོག་ནས་ཕེབས་པ་ཞིག་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་རེད།

XS
SM
MD
LG