ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡའི་འགོ་ཁྲིད་རྒྱ་ནག་ལ་འཚམས་འདྲི།


བྱང་ཀོ་རི་ཡའི་འགོ་ཁྲིད་རྒྱ་ནག་ལ་འཚམས་འདྲི།

ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོས་བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཀིམ་འཇུང་ཨིལ་གྱི་བུ་ཆུ་བ་སྟེ། བྱང་ཀོ་རི་ཡའི་འགོ་ཁྲིད་གསར་པ་ཀིམ་འཇུང་ཨུན་ས་མཚམས་ཀྱི་ཐུ་མེན་གྲོང་ཁྱེར་བརྒྱུད་ནས་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཡོད་ཚུལ་དང་། ཁོང་གིས་བྱང་ཀོ་རི་ཡའི་མཐུན་གྲོགས་རྒྱལ་ཁབ་གཙོ་བོ་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་དང་པེ་ཅིང་གི་དབང་འཛིན་པ་ཚོར་ཐུག་འཕྲད་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་རུང་། དེ་རིང་གཟའ་པ་སངས་ཀྱི་ཕྱི་དྲོར་ལྷོ་ཀོ་རི་ཡའི་གསར་འགྱུར་ལས་ཁང་ཁག་གིས་རྒྱ་ནག་ནས་ཐོན་པའི་གནས་ཚུལ་འབྱུང་ཁུངས་ཁག་དང་། ལྷོ་ཀོ་རི་ཡའི་གཞུང་གི་གནས་ཚུལ་འབྱུང་ཁུངས་ཁག་ལུང་དྲངས་ཏེ། རྒྱ་ནག་ལ་འཚམས་འདྲིར་ཕེབས་མཁན་དེ་བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཀིམ་འཇུང་ཨིལ་ཡིན་པ་དང་། ཁོང་གི་བུ་ཀིམ་འཇུང་ཨུན་རང་གི་ཕ་དང་མཉམ་དུ་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཡོད་མེད་རྩད་གཅོད་མི་ཐུབ་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།།

XS
SM
MD
LG