ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ནོ་བེལ་ཞི་བདེའི་ཚོགས་ཆེན་ཞིག་ཤཱི་ཁ་གྷོ་གྲོང་ལ་ཚོགས།


ཨ་མི་རི་ཀའི་དཀྱིལ་ནུབ་ཏུ་ཆགས་པའི་ཤཱི་ཁ་གྷོ་གྲོང་འཁྱེར་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ལོ་འཁོར་ཚོགས་ཆེན་ཐེངས་༡༢་པ་ཚོགས་བཞིན་ཡོད་ཅིང། བྱང་ཨ་མི་རི་ཀར་ཚོགས་ཆེན་དེ་ཚོགས་པ་ཐོག་མ་དེ་ཡིན་པ་དང། སང་ཉིན་༧གོང་ས་མཆོག་གིས་ཚོགས་ཆེན་མཇུག་སྡོམ་ལ་གསུང་བཤད་གནང་རྒྱུ་ཡིན་པ་མ་ཟད། སྔོན་ཆད་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨ་རིའི་སྲིད་འཛིན་ཟུར་པ་ཇི་མི་ཁར་ཊར་དང་ཨུ་རུ་སུའི་སྲིད་འཛིན་ཟུར་པ་གྷོར་བྷ་ཅོབ་སོགས་ཚོགས་ཆེན་དེར་ཕེབས་ཞུགས་གནང་སྟེ། ད་ལོའི་ཚོགས་ཆེན་གྱི་བརྗོད་གཞི་ནི་རང་དབང་དང་ཐོབ་ཐང་གི་ཆེད་དུ་སྐད་ཆ་བཤད་ཕོད་པ་ཞེས་པ་དེ་ཡིན་པ་བཅས་ཀྱི་སྐོར། བསོད་ནམས་གཡང་འཛོམས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG