ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཎོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ལོ་འཁོར་ལྷན་ཚོགས།


ཎོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ལོ་འཁོར་ལྷན་ཚོགས།
ཎོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ལོ་འཁོར་ལྷན་ཚོགས།

ཕྱི་ཟླ་༡༡་ཚེས་༡༢་ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷོ་ཨ་ཧྤི་རི་ཀའི་སྲིད་འཛིན་ཟུར་པ་ཌིཀ་ལར། ད་དུང་འདས་པའི་ལོ་ངོ་བཅུ་ཕྲག་བཞིའི་རིང་ལ་འཛམ་གླིང་གི་ཎོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཕལ་མོ་ཆེ་ཉི་ཧོང་གི་ཧི་རོ་ཤི་མ་གྲོང་ཁྱེར་ལ་ལྷན་འཛོམས་གནང་སྟེ། ཁོང་ཚོས་འཛམ་གླིང་འདི་རྡུལ་ཕྲན་མཚོན་ཆ་མེད་པའི་ཞི་བདེའི་ཁོར་ཡུག་ཅིག་ལ་བསྒྱུར་དགོས་པ་དང་། དུས་རབས་༢༡་པའི་འཁྲུག་རྩོད་ཐམས་ཅད་ཞི་བའི་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་དགོས་ཞེས་ནན་བརྗོད་གནང་རུང་། ད་ལོའི་ལྷན་ཚོགས་དེར་བྷར་མའི་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཨང་སན་སུ་ཇི་དང་། ཕྱི་ལོ་༢༠༡༠་ཐམ་པའི་ཎོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དང་རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ལིའུ་ཤའོ་པོ་གཉིས་མཉམ་ཞུགས་བྱས་མེད་ཅིང་། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་གི་ལྷན་འཛོམས་འདིར་ལིའུ་ཤའོ་པོ་ཕེབས་ཐུབ་མེད་པ་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་ཞེས་གསུངས་ཡོད་པ་རེད།།

XS
SM
MD
LG