ངོ་འཕྲད་བདེ་བའི་དྲ་འབྲེལ།

རྡོ་རྗེ་གདན་དུ་གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཚོགས་པ་ཁག་གི་ལས་འགུལ།


དུས་འཁོར་དབང་ཆེན་གནང་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་མི་ཆིག་འབུམ་བརྒལ་བ་འཛོམས་ཡོད་པའི་གོ་སྐབས་དང་བསྟུན་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པས་ལྷག་དཀར་གྱི་ལས་འགུལ་དར་ཁྱབ་ཆེ་བ་ཡོང་རྒྱུའི་ཆེད་དུ་ལས་འཆར་སྤེལ་བཞིན་ཡོད་པ་དང་ ཡང་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོའི་ཚོགས་པ་དགུ་བཅུ་གསུམ་གྱི་ཚོགས་མི་ཚོས་རྒྱ་ནག་གི་བཙོན་ཁང་ནང་སྡུག་སྦྱོང་བཏང་སྟངས་སོགས་ཀྱི་གནས་ཚུལ་གཏམ་བརྗོད་ལམ་ནས་འཁྲབ་སྟོན་ཞུས་པ་སོགས་ལས་འགུལ་སྤེལ་བཞིན་ཡོད་པའི་སྐོར་པ་སངས་དབྱངས་སྐྱིད་ལགས་ནས་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG