ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕོ་བྲང་དཀར་པོས་རྒྱ་ནག་དང་འབྲེལ་ལམ་བྱེད་ཐབས་གསར་པ་ཞིག་བཏོན་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་ཟླ་བའི་ཉིན་ཕོ་བྲང་དཀར་པོས་འགྲེམས་སྤེལ་བྱས་པའི་གཏམ་བཤད་ཅིག་གི་ནང་། ཨ་རིའི་རྒྱལ་སྲུང་སྐོར་གྱི་བློ་འདོན་མཁན་གཞོན་པ་སྐུ་ཞབས་Matthew Pottinger ལགས་ནས་རྒྱ་སྐད་ནང་རྒྱ་ནག་གཞུང་གིས་མི་སྒེར་གྱི་རང་དབང་དང་སྤྱི་དམངས་ཀྱི་འདུ་ཤེས་སོགས་ལ་དྲག་གནོན་བྱས་པ་དེས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་སྲིད་པའི་ཉེན་བརྡ་བཏང་གནང་འདུག དེ་ནི་ཨ་རིའི་དཔོན་པོ་མཐོ་གྲས་ཤིག་གིས་རྒྱ་སྐད་ལམ་ནས་ཐད་ཀར་རྒྱ་ནག་མི་དམངས་དང་བཀའ་མོལ་གནང་བ་ཐེངས་དང་པོ་དེ་རེད་འདུག

གཟའ་འཁོར་འདིའི་གཟའ་ཟླ་བའི་ཉིན་ཕོ་བྲང་དཀར་པོས་འགྲེམས་སྤེལ་བྱས་པའི་གཏམ་བཤད་ཅིག་གི་ནང་། ཨ་རིའི་རྒྱལ་སྲུང་སྐོར་གྱི་བློ་འདོན་མཁན་གཞོན་པ་སྐུ་ཞབས་Matthew Pottinger ལགས་ནས་རྒྱ་སྐད་ནང་རྒྱ་ནག་གཞུང་གིས་མི་སྒེར་གྱི་རང་དབང་དང་སྤྱི་དམངས་ཀྱི་འདུ་ཤེས་སོགས་ལ་དྲག་གནོན་བྱས་པ་དེས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་སྲིད་པའི་ཉེན་བརྡ་བཏང་གནང་འདུག དེ་ནི་ཨ་རིའི་དཔོན་པོ་མཐོ་གྲས་ཤིག་གིས་རྒྱ་སྐད་ལམ་ནས་ཐད་ཀར་རྒྱ་ནག་མི་དམངས་དང་བཀའ་མོལ་གནང་བ་ཐེངས་དང་པོ་དེ་རེད་འདུག
ཐེངས་འདིའི་ཀུན་གླེང་ལས་རིམ་ནང་དུ་གཏམ་བཤད་གནང་མཁན་སྐུ་ཞབས་Matthew Pottinger ལགས་ཀྱི་གཏམ་བཤད་དེའི་གལ་གནད་ཁག་ལ་དཔྱད་བརྗོད་བྱས་ཡོད་ལ། གཞན་ཡང་རྒྱ་ནག་མི་དམངས་ཀྱི་དེའི་སྐོར་གྱི་ལྟ་སྟངས། ཁོང་གིས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་སྐོར་ལ་ནུས་པ་ག་འདྲ་ཞིག་ཐོན་བཞིན་པ་སོགས་ཀྱི་སྐོར་ལ་བགྲོ་གླེང་ཞུས་ཡོད།
XS
SM
MD
LG