ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཡུཀ་རེན་གྱི་སྲིད་གཞུང་གསར་པ་དང་ར་ཤི་ཡའི་སྡིགས་ར།


ཉེ་བའི་བདུན་ཕྲག་འགའ་ཞིག་ལ་ཡུཀ་རེན་གྱི་ཁ་གཏད་ཚོགས་པའི་རྒྱབ་སྐྱོར་པ་ཚོས་སྲིད་འཛིན་ཡ་ནུ་ཁོ་ཝི་ཆིའི་གཞུང་ལ་ངོ་རྒོལ་བྱས་ཏེ། རྒྱལ་ཁབ་དེར་ཟིང་འཁྲུག་ཆེན་པོ་ལངས་པའི་རྗེས་སུ་སྲིད་གཞུང་མགོ་རྟིང་སློག་པ་དང་། ད་ལྟ་ཡུཀ་རེན་གྱི་སྲིད་འཛིན་ཟུར་པ་བྲོས་བྱོལ་དུ་སོང་ནས་གར་ཡོད་རྩད་གཅོད་ཐུབ་ཀྱི་མེད་ཀྱང་། ཡུཀ་རེན་གྱི་ཁ་གཏད་ཚོགས་པའི་འགོ་ཁྲིད་ཚོས་བར་བརྒལ་སྲིད་གཞུང་ཞིག་འཛུགས་ཐབས་བྱེད་ཀྱི་ཡོད་ཅིང་། ར་ཤི་ཡའི་གཞུང་གིས་དམག་འབུམ་༡་དང་ཕྱེད་ཀ་ཙམ་ཡུཀ་རེན་གྱི་ས་མཚམས་སུ་བཀྲམ་སྟེ། ཡུཀ་རེན་གྱི་ཤར་ཕྱོགས་པ་ར་ཤི་ཡའི་མི་རིགས་ལ་སྲུང་སྐྱོབ་བྱེད་རྒྱུའི་བརྡ་ཞིག་བཏང་ཡོད་པ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རིས་ར་ཤི་ཡའི་དམག་གིས་ཡུཀ་རེན་གྱི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་འགལ་འཛོལ་བྱས་ཚེ། དེ་ལ་ཚབས་ཆེའི་མཇུག་འབྲས་ངན་པ་ཞིག་འབྱུང་རྒྱུ་ཡིན་ཞེས་ཉེན་བརྡ་དྲག་པོ་བཏང་བ་དང་། ར་ཤི་ཡའི་གཞུང་གིས་སྔོན་ཆད་ཕྱིར་བསྒྲགས་མ་བྱས་པའི་དམག་སྦྱོང་འདི་ཡུཀ་རེན་གྱི་ནང་ཁུལ་འགལ་ཟླ་དེར་འབྲེལ་བ་མེད། ད་ཐེངས་ཀྱི་དམག་སྦྱོང་འདི་ར་ཤི་ཡའི་ནུབ་ཕྱོགས་དམག་སྡེའི་སྦྱོང་བརྡར་ཞིག་ཡིན་ཞེས་འགྲེལ་བཤད་བརྒྱབ་ཀྱང་། མོ་སི་ཁོའི་དབང་འཛིན་པ་ཚོས་ཡུཀ་རེན་གྱི་ས་ཐོག་ཏུ་ཡོད་པའི་ར་ཤི་ཡའི་སྤྱི་དམངས་དང་། ར་ཤི་ཡའི་ཁེ་ཕན་བཅས་ལ་དོ་ཕོག་འགྲོ་སྲིད་པའི་བློ་འཚབ་ཆེན་པོ་ཡོད་ཅེས་གཏམ་བཤད་རིམ་པ་ཞིག་སྤེལ་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG