ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་ཚོགས་བརྒྱུད་ལམ་གྱིས་གཞུང་འགོག་རྐྱེན་ནུས་མེད་བཟོས་པ།


དེང་དུས་སྤྱི་ཚོགས་ཀྱི་བརྒྱུད་ལམ་གྱིས་རེས་གཟའ་ཉི་མའི་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷོ་ཨཕྷི་རི་ཀའི་ཡི་ཤུའི་ཆོས་དཔོན་ཌས་མནྜ་ ཀྲུ་ཀྲུ་རྣམ་གཉིས་གསུང་མོལ་གནང་ཐུབ་པ་བྱུང་ཡོད་པ་དང་། ད་ལམ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་གནས་སུ་དངོས་སུ་ཞབས་སོར་འཁོད་ཐུབ་མེད་ནའང་། སྤྱི་ཚོགས་བརྒྱུད་ལམ་ལ་བརྟེན་ནས་ལྷོ་ཨ་ཕྷི་རི་ཀའི་མི་མང་བཀའ་སློབ་གསན་རྒྱུའི་གོ་སྐབས་བྱུང་བ་དེར་མང་ཚོགས་ལ་ཚོར་སྣང་ཇི་བྱུང་སྐོར་ལྷོ་ཨཕྷི་རི་ཀའི་ནང་ཡོད་པའི་༧གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་བསོད་ནམས་བསྟན་འཛིན་ལགས་སུ་རྣམ་རྒྱལ་ཤཱསྟྲིས་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG