ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ནང་པའི་ཆོས་ཚོགས་ཁག་གི་ལས་འགན་གསར་པ།


འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ནི་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་གནང་སའི་ལྟེ་གནས་ཤིག་ཡིན་པ་ལས། ད་ལྟའི་བོད་ཀྱི་ཆབ་སྲིད་གནས་སྟངས་དང་བོད་པའི་གནས་སྟངས། ལྷག་པར་དུ་བོད་མི་མང་གི་དཀའ་ངལ་སོགས་ཁྱབ་སྤེལ་བྱེད་ས་མིན་ཞིང་། འཇམ་དབྱངས་ཆོས་འཁོར་གླིང་གི་མཁན་པོ་སྐལ་ལྡན་ལགས་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ལ་བོད་ཀྱི་གནས་སྟངས་ཁྱབ་སྤེལ་བྱ་རྒྱུའི་འགུལ་སྤེལ་བར་ལས་འགན་ཆེན་པོ་ཡོད་པ་མ་ཟད། ནང་པའི་ཆོས་ཚོགས་ཁག་གིས་བོད་ཀྱི་གནས་སྟངས་ཁྱབ་སྤེལ་བྱ་རྒྱུའི་ལས་འགུལ་འཐུས་ཤོར་བཏང་ཡོད་ཅེས་གསུངས་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་མཁན་པོ་སྐལ་ལྡན་ལ་བཅར་འདྲི་ཞུས་པའི་གནས་ཚུལ་དེར་གསན་རོགས་གནང་།

XS
SM
MD
LG