ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

རྒྱ་ནག་གི་ཆོས་དོན་ཁྲིམས་ལུགས་གསར་བ།


རྒྱ་ནག་གི་ཆོས་ལུགས་དོ་དམ་ལྷན་ཁང་ཟེར་བས་རྒྱ་ནག་ནང་གི་ཆོས་ལུགས་སོ་སོའི་ཁྱབ་ཁོངས་ལ་དམིགས་པའི་ཁྲིམས་གསར་བ་ཞིག་གཏན་འབེབས་ཀྱིས་སྤྱི་ཟླ་༢་བའི་ཚེས་༡་ནས་དངོས་སུ་ལག་ལེན་བསྟར་རྒྱུའི་གསལ་བསྒྲགས་སྤེལ་འདུག དེའི་ནང་དུ་གཙོ་བོར་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་ཆོས་ལུགས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཐབས་ལ་ཆོས་ལུགས་སྡེ་ཁག་སོ་སོས་འགན་ལེན་དགོས་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁྲིམས་ཆོས་ཁྲིམས་ཡང་དག་པའི་ལམ་དུ་ཕྱོགས་རྒྱུ་སོགས་བཀོད་འདུག འདི་ནི་རྒྱ་ནག་གིས་ཆོས་ལུགས་སོ་སོའི་ཁྱབ་ཁོངས་ཀྱི་མི་རྣམས་ལ་དྲག་གནོན་སྔར་ལས་ཆེ་བ་བྱ་རྒྱུ་ཡིན་པའི་རྟགས་མཚན་ཡིན་པར་བློ་འཚབ་བྱེད་བཞིན་འདུག འདིའི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG