ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བལ་ཡུལ་མཆོད་རྟེན་ཉེ་འཁོར་དུ་རང་ལུས་མེར་བསྲེགས།


དེ་རིང་ཕྱི་ཟླ་བརྒྱད་པའི་ཚེས་ ༦་གི་ཞོགས་པར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་དུ་ཕ་ཡུལ་བོད་འདམ་གཞུང་ནས་ཡིན་པའི་རང་ལོ་༣༨་ལ་སོན་པའི་གྲྭ་ཀརྨ་ངེས་དོན་རྒྱ་མཚོ་ཞུ་བ་ཞིག་གིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་གྱུར་ཡོད་ཅིང་། ཀརྨ་ངེས་དོན་རྒྱ་མཚོ་དམ་པ་དེ་ཉིད་ཕྱི་ལོ་༢༠༡༢་ལོའི་ཕྱི་ཟླ་༡་པོའི་ཚེས་༣༠་ཉིན་བལ་ཡུལ་གྱི་སྣེ་ལེན་ཁང་ལ་བོད་ནས་གསར་དུ་འབྱོར་པ་ཞིག་ཡིན་པའི་སྐོར། ད་ཐེངས་ཀྱི་གནས་ཚུལ་མིག་མཐོང་བ་ཨ་རིའི་ཎིའུ་ཡོཀ་གྲོང་ཁྱེར་ནས་བལ་ཡུལ་ལ་གུང་སེང་དུ་ཕེབས་མཁན་སྐུ་ཞབས་བསྟན་འཛིན་ནོར་བུ་ལགས་ལ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།།
XS
SM
MD
LG