ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་གྱི་ཉེན་རྟོག་པ་ཚོས་བོད་མི་གཉིས་འཛིན་བཟུང་བྱས་ཏེ་རྩུབ་སྤྱོད་ཀྱི་བྱ་སྤྱོད་སྤེལ་ཡོད་པ།


འདི་ལོའི་བོད་མིའི་མང་གཙོའི་དུས་དྲན་སྲུང་བརྩི་བྱ་རྒྱུའི་ཉིན་ཤས་གོང་དུ་བལ་ཡུལ་གྱི་ཉེན་རྟོག་པ་ཚོས་སྤྱི་ཚོགས་ལ་ཕོག་ཐུག་འགྲོ་གཞིའི་ཉེས་མིང་བཏགས་ནས་བོད་མི་གཉིས་འཛིན་བཟུང་དོ་དམ་བྱས་ཏེ་ཉིན་གྲངས་ཉི་ཤུ་རྩ་བཞི་ཙམ་ཕྱིན་པའི་རྗེས་མཐར་མི་རེ་རེ་ལག་ནས་བལ་སྒོར་བཞི་སྟོང་རེ་བླངས་ཏེ་ཁོང་གཉིས་གནས་སྐབས་གློད་བཀྲོལ་བཏང་ཡོད་པ་དང་ ཁོང་གཉིས་ལ་བཀག་ཉར་ཁང་དུ་དཀའ་ངལ་སྣ་ཚོགས་འཕྲད་ཡོད་པ་མ་ཟད་་ ཁོང་གཉིས་ལ་བལ་པོའི་ཉེན་རྟོག་པ་ཚོས་རྩུབ་སྤྱོད་ལག་བསྟར་བྱས་ཡོད་པ་་སོགས་ཀྱི་སྐོར་འདི་གའི་གནས་ཚུལ་མཁཽ་གཏོང་བ་དགའ་ལྡན་བཀྲིས་ལགས་ཀྱིས་བལ་ཡུལ་ནས་བཏང་པའི་གནས་ཚུལ་ཞིག་གསན་རོགས་གནང༌།

XS
SM
MD
LG