ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་ལ་དཀའ་རྙོག་སེལ་དགོས་ཞེས་ནན་བརྗོད་བྱས་པ།


༄༅།། དེ་རིང་གཟའ་པ་སངས་འདིར་བལ་ཡུལ་གྱི་རྩ་ཁྲིམས་ཟིན་བྲིས་ལྷན་ཁང་གི་ལས་དུས་མཇུག་བསྒྲིལ་པའི་དུས་ཚོད་ཡིན་པ་དང༌། བལ་ཡུལ་ལ་རྩ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱེད་མ་ཐུབ་པར་རྒྱལ་ཁབ་དེར་སླར་ཡང་ཟིང་འཁྲུག་ལང་རྒྱུ་ཉག་ཅིག་ཡིན་པར་བརྟེན། སྲིད་འཛིན་བྷ་རན་ཡ་དྷབ་ཀྱིས་སྲིད་དོན་ཚོགས་པ་ཁག་ལ་ཆབ་སྲིད་ཀྱི་འགལ་ཟླ་སེལ་དགོས་པ་དང༌། ད་ལྟ་བལ་ཡུལ་བསྐྱར་དུ་ནང་འཁྲུག་གི་གཡང་ས་ཞིག་ལ་ལྷུང་སྲིད་པའི་ཉེན་ཀ་ཆེན་པོ་ཡོད་པ་དེ་ནས་ཕྱིར་འཐེན་བྱེད་དགོས་ཞེས་ནན་བརྗོད་བྱས་ཀྱང༌། མའོ་ཙེ་ཏུང་གི་ལྟ་བའི་རྗེས་འབྲང་བའི་སྲིད་དོན་ཚོགས་པ་སྟེ། བལ་ཡུལ་གྱི་དམར་ཤོག་ཚོགས་པས་སྲིད་བློན་ཁུ་མར་གྱིས་འགོ་ཁྲིད་པའི་མཉམ་སྐྱོང་སྲིད་གཞུང་ལ་མཐུན་ལམ་བྱེད་རྒྱུ་དང༌། ཁོང་ཚོས་བལ་ཡུལ་ལ་ནང་འཁྲུག་འབྱུང་རྒྱུ་སྔོན་འགོག་བྱེད་སྲིད་པའི་རྣམ་འགྱུར་གང་ཡང་བསྟན་མེད་པ་རེད།

XS
SM
MD
LG